Facebook
Twitter
YouTube
Flickr
Instagram
Search
About Us
Our Initiatives
GTPN Summit 2024
About The Summit
Speakers
Program Book
Accessibility
Travel Guide
Participant List
Planning Committee
Other Info
EVP Hub
GTPN Professionals
Tibetan NGOs/Institutes/Offices
FAQ
Donate
Contact Us
བོད་ཡིག་
ཚོགས་པའི་ངོ་སྤྲོད་
ཚོགས་པའི་སྣུན་ཤུགས་
མཉམ་རུབ་སྤེལ་བའི་ལས་གཞི།
ཚོགས་པའི་ལས་བྱེད་བསྐོར་
འགན་འཛིན་ལྷན་ཚོགས་
མདུན་ལམ་སློབ་སྟོན་སྡེ་ཚན་
སློབ་ཕྲུག་བརྗེ་རེས་ཀྱིས་ལས་འཆར་
རྒྱལ་སྤྱིའི་བོད་མི་ཆེད་ལས་པའི་ལས་འཆར་
ན་གཞོན་ནུས་སྤེལ་ལས་གཞི་སློབ་ཡོན་
ལོ་འཁོར་སྙན་ཐོ་
loading...
ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་ནི། སྤྱི་ལོ་ ༢༠༠༧ ཟླ་ ༡༢ པའི་ནང་དགེ་རྩ་ཞིག་གི་ངོ་བོའི་ཐོག་ནས་གཞོན་སྐྱེས་རྣམས་ལ་ནུས་སྟོབས་གོང་སྤེལ་གཏོང་བརྒྱུད་བོད་པའི་སྤྱི་ཚོགས་སྲ་བརྟན་ཡོང་ཆེད་དུ་གསར་བཙུགས་བྱས་པ་ཞིག་དང་། བོད་རིགས་གཞོན་སྐྱེས་གང་ཞིག་རང་མགོ་རང་ཐོན་ངང་རྒྱལ་སྤྱིའི་ནང་ནུས་པ་ལྡན་པ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་ང་ཚོའི་མཐར་ཐུག་གི་མངོན་འདོད་ཡིན།
ཚོགས་པའི་གཙོ་མགོན། : ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡིན།
ཚོགས་པའི་མངོན་འདོད། : རང་མགོ་རང་ཐོན་དང་ནུས་སྟོབས་ལྡན་པའི་བོད་མིའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ།
ཚོགས་པའི་དགོས་དོན། : གཞོན་སྐྱེས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་དང་དེ་ལ་རྒྱབ་སྐྱོར་བྱ་རྒྱུ།
ཚོགས་པའི་དམིགས་ཡུལ་ནི།
༡༽བོད་པའི་གཞོན་སྐྱེས་རྣམས་ལ་སློབ་སྟོན་དང་འགོ་ཁྲིད་ཀྱི་རང་བཞིན་སྦྱོང་བརྡར་གནང་སྟེ་སེམས་ཤུགས་སྤེལ་ཐབས།
༢༽གཞོན་སྐྱེས་རྣམས་ལ་རང་གི་མི་ཚེའི་མདུན་ལམ་དང་འབྲེལ་བའི་གནད་དོན་ཐད་རྒྱབ་སྐྱོར་དང་མཐུན་འགྱུར་སྦྱོར་ཐབས།
༣༽ཚོགས་སྡེ་གཞན་དང་བརྡ་འབྲེལ་གྱིས་གཞོན་སྐྱེས་ཕན་ཚུན་ཤེས་ཡོན་དང་ཉམས་མྱོང་བརྗེ་ལེན་བྱེད་པའི་གོ་སྐབས་བསྐྲུན་ཐབས།
༤༽བོད་མི་ཁེ་ལས་པ་གང་མང་སྐྱེད་སྲིང་བྱ་རྒྱུ་དང་། དེ་དག་ལ་མཐུན་འགྱུར་སྦྱོར་ཐབས།
༥༽བོད་པའི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་རང་རིགས་ཆེད་ལས་པ་རྣམས་གཞོན་སྐྱེས་གཞན་དག་ལ་མིག་དཔེ་སྟོན་ཐབས།
ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་ངལ་སེལ་ཚོགས་པ་(Tibet Relief Fund, UK)ནི་ང་ཚོར་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་ག་ཙོ་བོ་དེ་ཆགས་ཡོད།
བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་འདས་པའི་མི་ལོ་དྲུག་ཅུ་རིང་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་དུ་གནས་ཡོད་པ་དང་། དེ་དག་ལས་བོད་མིའི་གྲངས་འབོར་མང་ཤོས་ནི་རྒྱ་གར་ནང་དུ་གཞིས་ཆགས་པ་ཀུན་གསལ་ཡིན། དེ་ཡང་ཐོག་མར་བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དགོངས་དོན་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཕྲུག་རྣམས་ལ་ཤེས་ཡོན་སྤྲོད་རྒྱུ་གལ་གནད་ཆེ་ཤོས་སུ་ངོས་འཛིན་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་འདི་ཉིད་མི་ཉམས་རྒྱུན་འཛིན་ཆེད་འབད་བརྩོན་གནང་ཡོད། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འོག་བཙན་བྱོལ་བོད་མིའི་མི་རབས་གསར་པ་རྣམས་ལ་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚད་ལྡན་སྦྱོང་སྤྱོད་དང། གཞི་རིམ་སློབ་ཐོན་པ་རྣམས་ལ་ལས་རིགས་དང་མཐོ་རིམ་སློབ་སྦྱོང་གི་མཐུན་འགྱུར་རོགས་རམ་གནང་དགོས་པ་གསལ་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་གི་གཞི་ཐོ་ལྟར་ན། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ཚུད་པའི་བཙན་བྱོལ་ནང་བོད་པའི་སློབ་གྲྭ་༧༦ དང་སློབ་ཕྲུག་གྲངས་༢༤༧༤༡ ཡོད།
འོན་ཀྱང་སློབ་གྲྭ་ཁག་གི་མཐུན་རྐྱེན་ཞན་པ་དང། འཛིན་གྲྭའི་ནང་དགོངས་ངེས་་སློབ་ཕྲུག་གི་གྲངས་འབོར་ལས་མང་བར་བརྟེན་ཕྲུ་གུ་བྱེ་བྲག་པའི་ལྷན་སྐྱེས་ཀྱི་ནུས་པ་རྟོགས་པར་འགོག་རྐྱེན་བྱས་པའི་གནས་སྟངས་འོག་སློབ་ཕྲུག་མང་དག་ཅིག་སློབ་གྲྭ་ཐོན་རྗེས་རང་སྤོབས་མེད་པ་དང། རང་ངོ་རང་འཛིན་མི་ཐུབ་པས་མ་འོངས་མི་ཚེ་ནང་ཅི་ཞིག་བྱ་དགོས་མིན་རང་ཐག་གཅོད་མི་ཐུབ་པའི་དཀའ་ངལ་སྣ་མང་གདོང་ལེན་བྱ་དགོས་ཀྱི་ཡོད། མཐའ་ན་མཐོ་རིམ་གཙུག་སློབ་གཉེར་ཁང་ཞིག་འཚོལ་དགོས་ཀྱང་སོ་སའི་དོ་དབྱིངས་དང་ནུས་པ་སོགས་རྟོགས་ཐུབ་པའི་རང་སྤོབས་མེད་པ་ཡིན། གནས་སྟངས་འདི་འདྲར་ན་གཞོན་ནུས་སྤེལ་ཚོགས་པས་སློབ་ཕྲུག་རྣམས་ལ་རང་ངོ་རང་ཤེས་ཡོང་ཐབས་དང། རང་ཉིད་དང་རང་གི་འཇོན་ཐང་ལ་གདེང་སྤོབས་བྱེད་པའི་མཐུན་འགྱུར་རོགས་རམ་གནང་ནས་སྤྱི་ཚོགས་ནང་རང་མགོ་རང་ཐོན་ཅན་ཞིག་གསོ་སྐྱོང་ཐུབ་ཕྱིར་ཞབས་འདེགས་བསྒྲུབས་དང་སྒྲུབ་མུས་ཡིན།
ད་ལྟའི་ཆར་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་དགོས་དམིགས་དང་ལས་དོན་གང་ཞིག་བསྒྲུབས་དང་བསྒྲུབ་མཁན་ལྷག་བསམ་རྣམ་པར་དག་པའི་ལས་བྱེད་ལྔ་ལས་མེད། ཚོགས་པ་འདིས་ཕྱི་ལོ་ ༢༠༠༩ ནས་ད་བར་ལས་གཞི་རྣམ་གྲངས་མི་འདྲ་བ་ ༡༠༠ ལྷག་སྤེལ་བའི་ནང་གཞི་རིམ་སློབ་ཕྲུག་ ༣༣༢༥ དང་། གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཉེར་བ་ ༢༤༥༠ ཁེ་ལས་པ་ ༤༥ ལས་ཀ་འཚོལ་མཁན་ ༩༨༡ རྒྱལ་སྤྱི་བོད་རིགས་ཆེད་ལས་པ་ ༥༨༤ བཅས་གཞོན་སྐྱེས་གྲངས་ ༧༢༨༥ ཙམ་གྱིས་མཉམ་ཞུགས་ཁེ་ཕན་བླངས་ཐུབ་པ་བྱུང་ཡོད། དེ་ཡང་གོང་དུ་གསལ་བའི་གཞི་ཐོ་འདི་ནི་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༠ བར་གྱི་གྲངས་འབོར་ཁོ་ན་ཡིན་པ་དང། ཕྱི་ལོ་༢༠༠༨ ལོར་སྤེལ་བའི་ལས་གཞི་དང་ཚོགས་ཞུགས་པའི་གྲངས་འདི་ནང་ཚུད་མེད་པའི་མཁྱེན་པར་མཛོད། ང་ཚོའི་ལས་གཞིར་མཉམ་ཞུགས་བྱས་པའི་གཞོན་སྐྱེས་རྣམས་རྒྱ་གར་གྱི་མངའ་སྡེ་མི་འདྲ་བ་དགུའི་ནང་ཁྱབ་ཡོད་པ་དང། དེ་དག་ལས་ཕེལ་བ་ལྡི་ལིར་གནས་སྡོད་བྱེད་མཁན་ཡིན་འདུག།
About Us
Our Initiatives
GTPN Summit 2024
About The Summit
Speakers
Program Book
Accessibility
Travel Guide
Participant List
Planning Committee
Other Info
EVP Hub
GTPN Professionals
Tibetan NGOs/Institutes/Offices
FAQ
Donate
Contact Us
བོད་ཡིག་
ཚོགས་པའི་ངོ་སྤྲོད་
ཚོགས་པའི་སྣུན་ཤུགས་
མཉམ་རུབ་སྤེལ་བའི་ལས་གཞི།
ཚོགས་པའི་ལས་བྱེད་བསྐོར་
འགན་འཛིན་ལྷན་ཚོགས་
མདུན་ལམ་སློབ་སྟོན་སྡེ་ཚན་
སློབ་ཕྲུག་བརྗེ་རེས་ཀྱིས་ལས་འཆར་
རྒྱལ་སྤྱིའི་བོད་མི་ཆེད་ལས་པའི་ལས་འཆར་
ན་གཞོན་ནུས་སྤེལ་ལས་གཞི་སློབ་ཡོན་
ལོ་འཁོར་སྙན་ཐོ་