Facebook
Twitter
YouTube
Flickr
Instagram
Search
About Us
Our Initiatives
GTPN Summit 2024
About The Summit
Speakers
Program Book
Accessibility
Travel Guide
Participant List
Planning Committee
Other Info
EVP Hub
GTPN Professionals
Tibetan NGOs/Institutes/Offices
FAQ
Donate
Contact Us
བོད་ཡིག་
ཚོགས་པའི་ངོ་སྤྲོད་
ཚོགས་པའི་སྣུན་ཤུགས་
མཉམ་རུབ་སྤེལ་བའི་ལས་གཞི།
ཚོགས་པའི་ལས་བྱེད་བསྐོར་
འགན་འཛིན་ལྷན་ཚོགས་
མདུན་ལམ་སློབ་སྟོན་སྡེ་ཚན་
སློབ་ཕྲུག་བརྗེ་རེས་ཀྱིས་ལས་འཆར་
རྒྱལ་སྤྱིའི་བོད་མི་ཆེད་ལས་པའི་ལས་འཆར་
ན་གཞོན་ནུས་སྤེལ་ལས་གཞི་སློབ་ཡོན་
ལོ་འཁོར་སྙན་ཐོ་
loading...
ན་གཞོན་ནུས་སྤེལ་ལས་གཞི་ནས་མ་འོངས་དམིགས་ཡུལ་དང་མངོན་འདོད་སྒྲུབ་བྱེད་དུ་སློབ་གཉེར་ཁང་དང་ཚོགས་པ་ཁག་མཉམ་ལས་གནང་བཞིན་ཡོད།
ད་ལྟ་མཉམ་ལས་བྱེད་བཞིན་པ་ཁག།
རི་ཏིན་ཇ་ལི།
ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་དང་རི་ཏིན་ཇ་ལི་གཉིས་ལས་གཞི་འདྲ་མིན་ཁག་ཐོག་མཉམ་སྦྲེལ་གནང་བ་དང། རི་ཏིན་ཇ་ལི་མཉམ་དུ་སློབ་གྲྭའི་སློབ་ཕྲུག་ཕན་ཚུན་གྲོགས་བསྒྲིག་རྒྱ་དང། རྒྱ་གར་དང་བོད་མི་གཉིས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམ་གཤིས་སོགས་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བཞིན་ཡོད་ལ། གཞན་ཡང་ཁོང་ཚོའི་ལས་གཞི་གོ་སྐབས་གཉིས་པ་ཞེས་པའི་ནང་འཛུལ་ཞུགས་པ་གོ་སྒྲིག་ཞུ་ཡི་ཡོད།
ཨེ་གྲེབ་མུམ་སྦེ།
ན་གཞོན་ནུས་སྤེལ་ལས་གཞིས་ཨེ་གྲེབ་མུམ་སྦེ་ཚོགས་པ་བརྒྱུད་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་བོད་པའི་སློབ་ཕྲུག་ ༣ ཙམ་ལ་དབང་པོ་སྐྱོན་ཅན་ཟབ་སྦྱོང་ཕུལ་ཡོད། བདུན་ཕྲག་ ༡༢ རིང་གི་ཟབ་སྦྱོང་དེ་ལོ་ལྟར་ཟླ་བ་ ༡ ནས་ ༤ བར་བན་རྡ་ར་མུམ་སྦེ་ནང་ཚོགས་བཞིན་ཡོད།
སྤུ་ནེ་པན་ཇི་གྷ་ནི་རྒྱ་གར་རྒྱལ་ཡོངས་ཚོགས་འདུ།
ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་གོ་སྒྲིག་འོག་ལོ་ལྟར་ལོ་ན་ ༡༧ ནས་ ༢༧ བར་གྱི་གཞོན་སྐྱེས་བཅོ་ལྔ་ཙམ་ལ་ཚོགས་འདུ་དེར་ཞུགས་རྒྱུའི་གོ་སྐབས་འབུལ་གྱི་ཡོད། ཚོགས་འདུ་དེ་ཉིད་མ་ཧཱ་ར་ཤྲཱིར་ཀྲ་མངའ་སྡེ་ནང་པན་ཇི་གྷ་དུ་ཚོགས་བཞིན་ཡོད།
སྔོན་ཆད་ཀྱི་མཉམ་ལས་ཁག།
སྒྲུང་གློག་བརྙན་བཟོ་མཁན་སྤྱིན་མཐུན།
ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་དང་རྡ་རམ་ས་ལར་རྟེན་གཞི་བྱས་པའི་སྒྲུང་གློག་བརྙན་བཟོ་མཁན་སྤྱི་མཐུན་གཉིས་ཀྱི་མཉམ་རུབ་ཐོག་རྒྱ་གར་ནང་ཡོད་པའི་བོད་རིགས་གང་ཞིག་གློག་བརྙན་བཟོ་སྐྲུན་ལ་དོན་གཉེར་ཡོད་པའི་ན་གཞོན་བཞི་ལ་རྒྱལ་སྤྱིའི་ནང་སྙན་གྲགས་དང་མཉམ་མྱོང་ཆེ་བའི་བོད་པའི་གློག་བརྙན་བཟོ་སྐྲུན་པ་བཞི་དང་ལྷན་དུ་ཟླ་གསུམ་རིང་ཕན་ཚུན་གཅིག་ལ་གཅིག་གིས་གློག་བརྙན་བཟོ་སྐྲུན་སྐོར་གྱི་སློབ་སྟོན་བྱེད་པའི་ལས་འཆར་ཞིག་སྤེལ་རྒྱུ་དང། ད་ལན་གྱི་ཟབ་སྦྱོང་འདི་ནང། སློབ་སྟོན་པ་རྣམ་པས་གློག་བརྙན་བཟོ་སྐྲུན་གྱི་སློབ་འཁྲིད་དང་ལྷན་དུ། གཞོན་སྐྱེས་ཚོའི་གློག་བརྙན་ཐུང་གྲས་རིགས་བཟོ་སྐྲུན་གྱི་ལས་རིམ་ལའང་མཛུབ་སྟོན་དང་རྟོག་ཞིབ་བྱས་ཡོད། ང་ཚོས་ལས་གཞི་འདི་འདྲ་བ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་གྱི་ལོ་རྒྱུས་དང་དཀའ་ངལ། འཚོ་བའི་གནས་སྟངས་སོགས་གློག་བརྙན་གྱི་ལམ་ནས་གསལ་སྟོན་དང། གློག་བརྙན་བཟོ་སྐྲུན་གྱི་རིག་གནས་རྒྱ་བསྐྱེད་གཏང་རྒྱུ་དེ་ཡིན།
རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། (DIFF)
རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་གྱི་ཚོགས་མི་ཚོ་དང་མཉམ་རུབ་ཀྱིས། ང་ཚོ་ན་གཞོན་ནུས་སྤེལ་ལས་གཞི་ནས། སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ ཚེས་ ༨-༡༠ བར་གློག་བརྙན་དུས་སྟོན་འཚོགས་བཞིན་པའི་སྐབས་དང་བསྟུན་ནས། བོད་རིགས་སློབ་མ་དང། གློག་བརྙན་བཟོ་སྐྲུན་ལ་དོ་དབྱིངས་ཡོད་མཁན། ད་དུང་ཆེད་ལས་པ་བཅས་ལ་ཉིན་གསུམ་རིང་གློག་བརྙན་བཟོ་སྐྲུན་དང་འབྲེལ་བའི་ཐོག་ནང་དོན་སྣ་མང་ཡོད་པའི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་རེད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་དགེ་རྩ།
ན་གཞོན་ནུས་སྤེལ་ལས་གཞི་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་དགེ་རྩ་གཉིས་ཕྱི་ལོ་༢༠༠༨ ལོར་ལྡི་ལིར་མཐོ་སློབ་ཏུ་འགྲོ་མཁན་རྣམས་ལ་མདུན་ལམ་དང་སློབ་སྟོན་ཟབ་སྦྱོང་སྤྲོད་སྐབས་འབྲེལ་བ་ཆགས་པ་དང། གཞན་ཡང་ཚོགས་པ་གཉིས་པོས་མཉམ་རུབ་ཐོག་ཟླ་རེར་བོད་མི་ཕྱི་རྒྱལ་གནས་སྡོད་ཚོར་བལྟ་ཚུལ་ཞེས་པའི་གཏམ་བཤད་ལེ་ཚན་ཞིག་ཚོགས་ཀྱི་ཡོད།
བོད་མིའི་མདུན་ལམ་སློབ་སྟོན་ཁང།
ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་ནས་བཙན་བྱོལ་གཞུང་དང་མཉམ་དུ་ལྡི་ལིའི་ནང་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་སྡེ་ཚན་ཞིག་བཙུགས་ཡོད། སྡེ་ཚན་དེ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་པའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་དང། ཕྱི་ལོ་ ༢༠༡༣ ཟླ་བ་ ༢ ནས་བཟུང་ན་གཞོན་ནུས་སྤེལ་ལས་གཞིའི་འོག་བོད་མི་ ༣༢ ལྷག་ལ་སྡེ་ཚན་འདྲ་མིན་གྱི་ནང་ལས་ཀ་འཚོལ་ཐུབ་ཡོད། དེའི་ཐོག་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་ནས་གཞོན་སྐྱེས་ ༢༡ ལ་རི་ཏིན་ཇེལ་གོ་སྐབས་གཉིས་པ་ཞེས་པའི་ལས་གཞིའི་ནང་ཐོ་འགོད་བྱས་པ་དང། གཞོན་སྐྱེས་ ༥ ལ་ཨར་ཁང་ཞབས་ཞུ་བའི་སྦྱོང་བརྡར་དང་དེ་མཐུན་གྱི་ལས་ཀ་རག་ཐུབ་པའི་རམ་འདེགས་ཞུས་ཡོད།
ལྡི་ལི་བོད་ཁང།
ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་དང་ལྡི་ལི་བོད་ཁང་གཉིས་ནས་ཟླ་རེར་གཞོན་སྐྱེས་འགོ་ཁྲིད་དང་དོ་དག་སོ་སོའི་ཡར་རྒྱས་གཏོང་ཐབས་ཐད་གསུང་བཤད་གོ་སྒྲིག་ཞུ་གི་ཡོད།
སྤྱི་མཐུན་མཉམ་འབྲེལ།
ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༡༢ པའི་ཚེས་༣༠-༣༡ བར་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་དང་སྤྱི་མཐུན་མཉམ་འབྲེལ་གཉིས་ནས་རྒྱལ་སྤྱིའི་ཚོང་ལས་ཚོགས་འདུ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ནང་ཚོགས་ཡོད།
About Us
Our Initiatives
GTPN Summit 2024
About The Summit
Speakers
Program Book
Accessibility
Travel Guide
Participant List
Planning Committee
Other Info
EVP Hub
GTPN Professionals
Tibetan NGOs/Institutes/Offices
FAQ
Donate
Contact Us
བོད་ཡིག་
ཚོགས་པའི་ངོ་སྤྲོད་
ཚོགས་པའི་སྣུན་ཤུགས་
མཉམ་རུབ་སྤེལ་བའི་ལས་གཞི།
ཚོགས་པའི་ལས་བྱེད་བསྐོར་
འགན་འཛིན་ལྷན་ཚོགས་
མདུན་ལམ་སློབ་སྟོན་སྡེ་ཚན་
སློབ་ཕྲུག་བརྗེ་རེས་ཀྱིས་ལས་འཆར་
རྒྱལ་སྤྱིའི་བོད་མི་ཆེད་ལས་པའི་ལས་འཆར་
ན་གཞོན་ནུས་སྤེལ་ལས་གཞི་སློབ་ཡོན་
ལོ་འཁོར་སྙན་ཐོ་