Facebook
Twitter
YouTube
Flickr
Instagram
Search
About Us
Our Initiatives
GTPN Summit 2024
About The Summit
Speakers
Program Book
Accessibility
Travel Guide
Participant List
Planning Committee
Other Info
EVP Hub
GTPN Professionals
Tibetan NGOs/Institutes/Offices
FAQ
Donate
Contact Us
བོད་ཡིག་
ཚོགས་པའི་ངོ་སྤྲོད་
ཚོགས་པའི་སྣུན་ཤུགས་
མཉམ་རུབ་སྤེལ་བའི་ལས་གཞི།
ཚོགས་པའི་ལས་བྱེད་བསྐོར་
འགན་འཛིན་ལྷན་ཚོགས་
མདུན་ལམ་སློབ་སྟོན་སྡེ་ཚན་
སློབ་ཕྲུག་བརྗེ་རེས་ཀྱིས་ལས་འཆར་
རྒྱལ་སྤྱིའི་བོད་མི་ཆེད་ལས་པའི་ལས་འཆར་
ན་གཞོན་ནུས་སྤེལ་ལས་གཞི་སློབ་ཡོན་
ལོ་འཁོར་སྙན་ཐོ་
loading...
ལས་གཞི་འདི་ནི་རྒྱ་གར་དང་བོད་པའི་སློབ་ཕྲུག་རྣམས་ལ་སྤྱི་ཚོགས་མི་འདྲ་བ་གཉིས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་གོ་རྟོགས་སྤེལ་ནས་ཕན་ཚུན་ཤེས་བྱ་དང་བསམ་ཚུལ། ཉམས་མྱོང་བརྗེ་ལེན་བྱས་བརྒྱུད་མཛའ་འབྲེལ་དང། གཅིག་གིས་གཅིག་ལ་ཆེ་མཐོང་དང་གུས་བརྩི་བྱེད་པའི་ཁོར་ཡུག་བསྐྲུན་ཐབས་བྱ་རྒྱུ་མ་ཟད། སློབ་གྲྭ་ཁག་ནང་ལས་གཞི་འདྲ་མིན་སྤེལ་རྒྱུ་དང། སློབ་ཕྲུག་བརྗེ་རེས་ཀྱི་ལས་འཆར། དེ་བཞིན་དབྱར་དུས་སློབ་སྒར་བཅས་གོ་སྒྲིག་བྱ་རྒྱུར་དམིགས་པ་ཞིག་ཡིན།
སློབ་སྟོན་ལས་འཆར།
ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་ལས་གཞི་འདི་བརྒྱུད་སློབ་ཕྲུག་རྣམས་ལ་བསམ་བློ་རྒྱ་སྐྱེད་གཏོང་ཐབས་དང། སྤྱི་ཚོགས་ནང་དཀའ་ངལ་མེད་པར་རང་མགོ་ཐོན་ཐུབ་པའི་ནུས་པ་སྐྱེད་སྲིང་བྱ་རྒྱུར་སློབ་གསོ་དང་སློབ་སྟོན་གནང་གྱི་ཡོད། ད་ལྟའི་ཆར་སཾ་བྷོ་ཊ་སྤོན་ཊ་གཏན་སློབ་དང་སེ་ལ་ཀུ་བོད་ཁྱིམ་གཉིས་ཀྱི་འཛིན་རིམ་བཅིུས་ཀྱི་སློབ་ཕྲུག་རྣམས་ལ་གོ་སྐབས་འབུལ་རྒྱུ་གཏན་ཁེལ་ཟིན་པ་ཡིན།
དགོས་དམིགས་གཙོ་བོ།
༡༽ བོད་པ་དང་རྒྱ་གར་བའི་གཞོན་སྐྱེས་དབར་ཤེས་ཡོན་བརྗེ་ལེན་དང་། ཕན་ཚུན་གུས་བཀུར་དང་གཅིག་ཕན་གཅིག་གྲོགས་བྱེད་པའི་གོ་རྟོགས་སྤེལ་རྒྱུ།
༢༽ བོད་པའི་སློབ་ཕྲུག་རྣམས་ལ་སོ་སོའི་འདུན་མོས་ལྟར་འཚོ་གནས་ཐུབ་པའི་ཁོར་ཡུག་གང་མང་བསྐྲུན་རྒྱུ།
༣༽ ལས་གཞི་འདི་དག་བརྒྱུད་གང་ཟག་སྒེར་དང། ཚོགས་སྡེ། སྒྲིག་འཛུགས་འདྲ་མིན་དབར་མཛའ་འབྲེལ་འཛུགས་ཐབས།
རྒྱ་གར་རྒྱལ་ཡོངས་ཚོགས་འདུ།
(Let’s Make a Difference- National Youth conference)
ལོ་ལྟར་བཞིན་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པས་བོད་པའི་སློབ་ཕྲུག་བཅུ་ལ་སྤུ་ནེ་རྒྱ་གར་རྒྱལ་ཡོངས་ཚོགས་འདུ་༼ངས་སྤྱི་ཚོགས་ནང་མི་འདྲ་བ་འགྱུར་བ་ཞིག་གཏོང་ཐུབ་༽ནང་མཉམ་བཞུགས་ཆེད་གོ་སྐབས་ཕུལ་བཞིན་ཡོད། ན་གཞོན་ནུས་སྤེལ་ལས་གཞི་ནས་ལོ་ལྟར་བཞིན་བོད་པའི་སློབ་མ་བཅུ་ལ་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་ཆེད་དུ་རྒྱ་གར་རྒྱལ་ཡོངས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་བཅུ་རྣམས་ཀྱིས་ཟབ་སྦྱོང་ཐོ་འགོད་དངུལ་དང་དུས་གཅིག་གི་ལམ་གྲོན་ལ་རྒྱབ་སྐྱོར་གནང། ཚོགས་འདུ་དེའི་ནང་ཚོགས་བཅར་བ་སློབ་ཕྲུག་རྣམས་རང་ལོ་ ༡༦ ནས་ ༣༠ མི་བརྒལ་བར་ཡིན་པ་དང་ལས་གཞི་དེ་ང་ཚོས་ ༡༩༩༤ ལོར་ནས་ད་བར་རྒྱབ་སྐྱོར་གནང་བཞིན་ཡོད། དེ་བཞིན་ཚོགས་པའི་ལས་བྱེད་གཅིག་ཟབ་སྦྱོང་སྐབས་ཁོ་ཚོ་ལ་ལམ་སྟོན་ཆེད་མཉམ་དུ་དེའི་ནང་འཛུལ་བཞུགས་བྱེད་བཞིན་ཡོད།
དབྱར་ཁའི་གུང་གསེང་སྐབས་ཀྱི་བྱེད་སྒོ།(Summer Camp Programme)
ཕྱི་ལོ་༢༠༡༣ ལོར་གྱི་ཟླ་བ་༦ ནང་རྡ་ས་བོད་ཁྱིམ་སློབ་གྲའི་འཛིན་རིམ་བཅུ་པའི་སློབ་ཕྲུག་བཅོ་བརྒྱད་དང་Vasant Valleyརྒྱ་གར་སློབ་ཕྲུག་གཉིས་བར་དབྱར་ཁའི་དགུང་སེང་སྐབས་ཕན་ཚུན་གྲོགས་འདྲིས་པ་དང་ཤེས་ཡོན་བརྗེ་ལེན་བྱེད་ཡོད། ལས་གཞི་དེའི་ནང་སློབ་ཕྲུག་གདམ་ཁ་རྣམས་དངས་ལངས་ངོས་ནས་ཡིན།
ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི།
༡)ལས་གཞི་དེའི་བརྗོད་གཞི་གཙོ་བོ་ནི་སློབ་ཕྲུག་རྣམས་ལ་སློབ་ཕྲུག་གཞན་མཉམ་དུ་ཉམས་མྱོང་དང་ཤེས་ཡོན་གོང་འཕེལ་བཤད་རྒྱུ།
༢)སྤྱི་ཚོགས་གཉིས་བར་ཆོས་དང་རིག་གཞུང་ལ་གུས་ཞབས་གནང་རྒྱུ་ནི་ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་འཛིན་ཡོད།
༣)ལས་གཞི་དེའི་ནང་རྡ་སའི་ནང་རྒྱ་གར་ཡུལ་མི་དང་བོད་མི་གཉིས་བར་སོ་སོའི་མི་ཚེ་ལོ་རྒྱུས་དང་དཀའ་ངལ་སོགས་གདོང་ལེན་གང་འདྲ་བྱེད་སྐོར་དང་འབྲེལ་བའི་དོགས་དྲི་གསལ་ཐབས་ཡང་བྱེད་པ།
About Us
Our Initiatives
GTPN Summit 2024
About The Summit
Speakers
Program Book
Accessibility
Travel Guide
Participant List
Planning Committee
Other Info
EVP Hub
GTPN Professionals
Tibetan NGOs/Institutes/Offices
FAQ
Donate
Contact Us
བོད་ཡིག་
ཚོགས་པའི་ངོ་སྤྲོད་
ཚོགས་པའི་སྣུན་ཤུགས་
མཉམ་རུབ་སྤེལ་བའི་ལས་གཞི།
ཚོགས་པའི་ལས་བྱེད་བསྐོར་
འགན་འཛིན་ལྷན་ཚོགས་
མདུན་ལམ་སློབ་སྟོན་སྡེ་ཚན་
སློབ་ཕྲུག་བརྗེ་རེས་ཀྱིས་ལས་འཆར་
རྒྱལ་སྤྱིའི་བོད་མི་ཆེད་ལས་པའི་ལས་འཆར་
ན་གཞོན་ནུས་སྤེལ་ལས་གཞི་སློབ་ཡོན་
ལོ་འཁོར་སྙན་ཐོ་