རྒྱ་གར་དུ་ལོ་ངོ་དྲུག་ཅུ་ལྷག་འཚོ་སྡོད་བྱས་པའི་བརྒྱུད་རིམ་ཁྲོད། བོད་རིགས་ཆེད་ལས་པ་མང་དག་ཅིག་རྒྱ་གར་ས་ཕྱོགས་གང་སར་ཁྱབ་ཡོད་ཅིང་། ཆེད་ལས་པ་འདི་དག་གིས་སྤྱི་ཚོགས་ལ་ཕན་ཐོགས་པའི་ཁོར་ཡུག་ངེས་ཅན་ཞིག་སྐྲུན་པར། ང་ཚོས་སོ་སོའི་ནུས་པ་དང་འབད་བརྩོན་གཉིས་གཅིག་ཏུ་བསྒྲིལ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ཚོགས་འདུ་འདི་ཡིས་ང་ཚོས་མུ་མཐུད་ནས་སྒྲུབ་བཞིན་པའི་ལས་དོན་མཚོན་ཞིང་། དེ་ནི་རྟག་ཏུ་འགྱུར་འགྲོས་ཁྲོད་ཀྱིས་གོ་ལའི་སྟེང་བོད་ཀྱི་ཆེད་ལས་པ་ཚོས་ང་ཚོའི་སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་པར་དོན་དང་ལྡན་པའི་གྲོས་བསྡུར་བགྲོ་གླེང་བྱེད་སའི་སྡིངས་ཆ་དང་གོ་སྐབས་ཞིག་བསྐྲུན་རྒྱུ་དེ་ཡིན།
ཕྱི་ལོ་ ༢༠༠༨ ལོར་ན་གཞོན་ནུས་སྤེལ་ལས་གཞིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གྱི་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱི་རྒྱབ་སྐྱོར་འོག་བོད་མི་ཆེད་ལས་པའི་འབྲེལ་འཐུད་ལས་གཞི་ (GTPN) དབུ་བརྙེས་ཤིང་། འབྲེལ་འཐུད་ལས་གཞི་འདིའི་དམིགས་ཡུལ་ནི་ཤེས་རིག་བརྗེ་ལེན་གྱི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། བོད་རིགས་ཆེད་ལས་པ་ཚོས་སྤྱི་ཚོགས་ལ་ཞབས་འདེགས་རྒྱ་གང་ཆེ་ཞུ་ཐབས་བཅས་ཀྱི་ཆེད་དུ་ཡིན།
ཕྱི་ལོ་ ༢༠༡༠ ལོར་བོད་རིགས་ཆེད་ལས་པའི་འདུ་འཛོམས་ཐེངས་དང་པའོ་ཐོག་རྒྱལ་ཁབ་ཁག་བརྒྱད་ནས་བོད་རིགས་ཆེད་ལས་པ་ ༨༦ ཙམ་མཉམ་བཞུག་གནང་ཡོད་ཅིང་། སྐབས་དེར་༧སྤྱི་ནོར་གོང་ས་སྐྱབས་དགོན་ཆེན་པོ་མཆོག་ནས་ཚོགས་བཅར་བ་རྣམས་ལ་ཞལ་མཇལ་དང་ལས་དོན་ཁག་ལ་བསྔགས་བརྗོད་གནང་ཡོད། ན་གཞོན་ནུས་སྤེལ་ལས་གཞིའི་འོག་བོད་མིའི་ཆེད་ལས་པ་རྣམས་མཉམ་འཛོམས་ཀྱིས་ལོ་རེའི་ལས་འཆར་ཁག་ལ་མཉམ་བཞུགས་དང་། སློབ་གྲྭའི་སློབ་མ་ཚོས་ཆེད་ལས་པ་དང་འབྲེལ་འདྲིས་བྱེད་པའི་སྡིངས་ཆ་མཁོ་སྤྲོད། དེ་བཞིན། ཆེད་ལས་པ་ཁག་ཅིག་ལ་ཚོང་ལས་གསར་རྒྱག་གི་ཆེད་དུ་མ་དངུལ་ངེས་ཅན་གྱི་རོགས་རམ་མཁོ་འདོན་སོགས་བྱེད་བཞིན་ཡོད། སྤྱིར་ད་ལྟ་ང་ཚོའི་སྤྱི་ཚོགས་ཁྲོད་ཆེད་ལས་པ་རྣམས་ནུས་པ་མཉམ་སྤུངས་ཀྱིས་ལས་གཞི་གསར་པ་དང་གོམ་གང་མདུན་སྤོས་བྱ་རྒྱུ་ནི་དགོས་ངེས་ཅན་ཞིག་ཡིན།
ཉིན་གཉིས་ཀྱི་ཚོགས་འདུ་འདིའི་ཐོག་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ན་ཊ་ཀ་དང་ཏ་མིལ་ན་ཌུ་གཉིས་ཀྱི་ནང་དུ་ཡོད་པའི་བོད་པའི་ཆེད་ལས་པ་ལྔ་བཅུ་ཡས་མས་ཤིག་གི་ལས་དོན་བྱས་རྗེས་ལ་མངོན་བསྟོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་ཚོགས་འདུ་འདིས་ང་ཚོའི་ནུས་པ་མཉམ་སྤུང་དང་ལས་འཆར་གསར་པའི་བགྲོ་གླེང་བརྒྱུད་སྤྱི་ཚོགས་ཡར་རྒྱས་ཀྱི་གཞི་རྩ་ཞིག་ཏུ་འགྱུར་རྒྱུ་མ་ཟད། ༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་དང་ཆེད་ལས་པའི་དབར་ཐད་ཀར་འབྲེལ་འདྲིས་དང་བགྲོ་གླེང་གི་མཐུན་རྐྱེན་ཡང་བསྐྲུན་རྒྱུ་དེ་ཡིན།
དགོས་དམིགས་།
-
བོད་མི་ཆེད་ལས་པའི་ཐད་ཀར་འབྲེལ་ལམ་དང་། འབྲེལ་མཐུད་ཀྱི་གོ་སྐབས། དེ་བཞིན་བོད་མི་ཆེད་ལས་པའི་གྲུབ་འབྲས་ལ་ཡིད་རང་བྱེད་རྒྱུ།
-
ཐུན་མོང་གི་འཆར་སྣང་དང་ངེས་ཅན་ལས་འཆར་ཞིག་བསྐྲུན་ཏེ་འབྱུང་འགྱུར་ཕུགས་བརྟན་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་འཛུགས་རྒྱུ།
-
སློབ་གྲྭ་དང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་སློབ་མ་རྣམས་དང་བོད་ཀྱི་ཆེད་ལས་པ་རྣམས་ཐད་ཀར་འབྲེལ་འདྲིས་ཡོང་ཐབས་བྱ་རྒྱུ།
With over six decades of presence in India, we have seen the emergence of a substantial cohort of Tibetan professionals spread across the nation. In light of this, we must consolidate our efforts and resources to create a conducive environment for these professionals to connect and give back to the community. This summit represents our ongoing mission to offer a platform where Tibetan professionals can have meaningful discussions to address our community’s evolving needs in an ever-changing world.
In 2008, Empowering the Vision Project (EVP) launched the Global Tibetan Professionals Network (GTPN) with support from Kasur Tempa Tsering, former representative of the Bureau of His Holiness the Dalai Lama, New Delhi who is also a Trustee of EVP. This network aims to create a platform for sharing knowledge and actively facilitating greater engagement and contributions to our community by Tibetan professionals.
2010 Global Tibetan Professionals Summit received a commendation from His Holiness and welcomed 86 Tibetan professionals from over eight countries.
EVP through its GTPN program consistently brings together Tibetan professionals with annual GTPN networking events, and GTPN role model visits to schools and has provided nominal support for start-up ventures of GTPN members. There is a critical need for improved coordination and increased diaspora engagement, particularly through the active participation of new Tibetan professionals.
A three-day gathering will celebrate the achievements of up to 50 Tibetan professionals based in south India primarily from the states of Karnataka and Tamil Nadu. More importantly, it will act as a catalyst for encouraging and generating dialogue on initiatives and collaborations for community development. Additionally, this summit will facilitate a direct engagement between the professionals and students of Dalai Lama Institute for Higher Education.